發表文章

目前顯示的是 12月, 2025的文章

《入雄心菩薩行論》第九品 智慧品(十二)

圖片
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། 《入雄心菩薩行論》 第九品 智慧品(十二) དེ་བཞིན་སོར་མོའི་ཚོགས་ཡིན་ཕྱིར།། ལག་པའང་གང་ཞིག་ཡིན་པར་འགྱུར།། 等同指節會聚故 手自體復應為何 དེ་ཡང་ཚིགས་ཀྱི་ཚོགས་ཡིན་ཕྱིར།། ཚིགས་ཀྱང་རང་གི་ཆ་ཕྱེ་བས།། 此乃關節聚合故 關節此等猶可分 ཆ་ཡང་རྡུལ་དུ་ཕྱེ་བས་ཏེ།། རྡུལ་དེའང་ཕྱོགས་ཆའི་དབྱེ་བ་ཡིས།། 支分復剖析為塵 塵亦方位分析以 ཕྱོགས་དབྱེའང་ཆ་ཤས་དང་བྲལ་ཕྱིར།། མཁའ་བཞིན་དེས་ན་རྡུལ་ཡང་མེད།། 方分終究部分離 虛空般之微塵無 དེ་ལྟར་རྨི་ལམ་ལྟ་བུ་ཡི།། གཟུགས་ལ་དཔྱོད་ལྡན་སུ་ཞིག་ཆགས།། 如是猶如夢中境 身軀具慧者孰貪 གང་ཚེ་དེ་ལྟར་ལུས་མེད་པ།། དེ་ཚེ་སྐྱེས་གང་བུད་མེད་གང་།། 彼時若無有身際 男為何者女為誰 སྡུག་བསྔལ་དེ་ཉིད་དུ་ཡོད་ན།། ཅི་སྟེ་རབ་དགའ་ལ་མི་གནོད།། 苦於究竟如實有 何故極樂無損壞 བདེ་ན་མྱ་ངན་གདུང་སོགས་ལ།། ཞིམ་སོགས་ཅི་སྟེ་དགའ་མི་བྱེད།། 歡快之際難苦等 甘美云何不欣喜 སྟོབས་དང་ལྡན་པས་ཟིལ་མནན་ཕྱིར།། གལ་ཏེ་དེ་མྱོང་མ་ཡིན་ན།། 力量強勢壓伏故 倘或無有覺察受 གང་ཞིག་ཉམས་མྱོང་བདག་ཉིད་མིན།། དེ་ན་ཚོར་བ་ཇ་ལྟར་ཡིན།། 何者並非領受性 於此云何說是受 སྡུག་བསྔལ་ཕྲ་མོ་ཉིད་དུ་ཡོད།། འདི་ཡི་རགས་པ་བསལ་མིན་ནམ།། 極微苦性如若俱 粗苦豈非已遣除 དེ་ནི་དེ་ལས་གཞན་དགའ་ཙམ།། ཞེ་ན་ཕྲ་ཉིད་དེ་ཡང་དེའི།། 謂此即為另樂也 如斯細性此應是 གལ་ཏེ་འགལ་རྐྱེན་སྐྱེས་པས་ན།། སྡུག་བསྔལ་སྐྱེས་པ་...

《入雄心菩薩行論》第九品 智慧品(十一)

圖片
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། 《入雄心菩薩行論》 第九品 智慧品(十一) སེམས་ཅན་མེད་འབྲས་སུ་ཡི་ཡིན།། བདེན་ཏེ་འོན་ཀྱང་རྨོངས་ལས་འདོད།། 有情無有誰得果 承許然由痴所立 སྡུག་བསྔལ་ཉེ་བར་ཞི་དོན་དུ།། འབྲས་བུའི་རྨོངས་པ་བཟློག་མི་བྱ།། 苦速息淨皆為此 果知無明不回遮 སྡུག་བསྔལ་རྒྱུ་ཡི་ང་རྒྱལ་ནི།། བདག་ཏུ་རྨོངས་པས་འཕེལ་བར་འགྱུར།། 痛苦之因傲慢謂 有我愚痴漸轉增 དེ་ལས་ཀྱང་བཟློག་མེད་ཅེ་ན། བདག་མེད་བསྒོམ་པ་མཆོག་ཡིན་ནོ།། 無有回遮如是謂 修禪無我最極要 ལུས་ནི་རྐང་པ་བྱིན་པ་མིན།། བརླ་དང་རྐེད་པའང་ལུས་མ་ཡིན།། 身謂足與腳脛非 股骨腰部亦非身 ལྟོ་དང་རྒྱབ་ཀྱང་ལུས་མིན་ཏེ།། བྲང་དང་དཔུང་པའང་ལུས་མ་ཡིན།། 腹部背部亦非身 胸膛肩臂亦非身 རྩིབ་ལོགས་ལག་པའང་ལུས་མིན་ཏེ།། མཆན་ཁུང་ཕྲག་པའང་ལུས་མ་ཡིན།། 脅與臂膀亦非身 腋窩肩胛亦非身 ནང་ཁྲོལ་རྣམས་ཀྱང་དེ་མིན་ལ།། མགོ་དང་མགྲིན་པའང་ལུས་མིན་ན།། 內臟全般亦非也 頭顱頸項亦非身 འདི་ལ་ལུས་ནི་གང་ཞིག་ཡིན།། གལ་ཏེ་ལུས་འདི་ཐམས་ཅད་ལ།། 此處云何而有身 如若身軀於悉數 ཕྱོགས་རེ་ཡིས་ནི་གནས་གྱུར་ན།། ཆ་རྣམས་ཆ་ལ་གནས་གྱུར་མོད།། 諸支分中存住耶 支分此等自分住 དེ་རང་ཉིད་ནི་གང་ལ་གནས།། གལ་ཏེ་བདག་ཉིད་ཀུན་གྱི་ལུས།། 彼時自身何處在 倘或吾自咸全身 ལག་སོགས་རྣམས་ལ་གནས་ན་ནི།། ལག་སོགས་དེ་དག་ཇི་སྙེད་པ།། 手等支分而存在 如其手等一切數 དེ་སྙེད་ཀྱི་ནི་ལུས་སུ་འགྱུར།། ཕྱི་དང་ནང་ན་ལུས་མ...

《入雄心菩薩行論》第九品 智慧品(十)

圖片
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། 《入雄心菩薩行論》 第九品 智慧品(十) སེམས་མེད་པ་ཡང་བདག་མིན་ཏེ།། སེམས་མེད་ཉིད་ཕྱིར་བུམ་སོགས་བཞིན།། 無有心識亦非我 無有心性瓶等般 འོན་ཏེ་སེམས་དང་ལྡན་པའི་ཕྱིར།། ཤེས་ན་མི་ཤེས་འཇིག་པར་ཐལ།། 然而心具故有之 明曉不知則壞滅 ཇི་སྟེ་བདག་ལ་འགྱུར་མེད་ན།། སེམས་པས་དེ་ལ་ཅི་ཞིག་བྱས།། 倘或無有變異我 心對於此行何事 དེ་ལྟར་ཤེས་མེད་བྱ་བྲལ་བ།། ནམ་མཁའ་བདག་ཏུ་བྱས་པར་འགྱུར།། 如是無心離作用 虛空理應成為我 གལ་ཏེ་བདག་ནི་ཡོད་མིན་ན།། ལས་འབྲས་འབྲེལ་པ་རིགས་མིན་ཏེ།། 如若我乃非實有 業果係屬非能也 ལས་བྱས་ནས་ནི་ཞིག་པས་ན།། སུ་ཡི་ལས་སུ་འགྱུར་ཞེ་ན།། 所造業謂滅盡故 誰造業由誰受果 བྱ་བ་འབྲས་བཞི་ཐ་དད་དང་།། དེ་བདག་བྱེད་པ་མེད་པར་ཡང་།། 作業受報乃根異 此我遠離諸作用 ཡུ་བུ་གཉི་ག་ལ་གྲུབ་པས།། འདིར་བརྩད་དོན་མེད་མ་ཡིན་ནམ།། 汝我二者共承許 於此諍論有何義 རྒྱུ་ལྡན་འབྲས་བུ་དང་བཅས་ཞེས།། མཐོང་བ་འདི་ནི་སྲིད་མ་ཡིན།། 因俱之際果齊顯 望見此等亦非能 རྒྱུད་གཅིག་ལ་ནི་བརྟེན་ནས་སུ།། བྱེད་པོ་སྤྱོད་པོ་ཞེས་བྱར་བསྟན།། 依一相續建立故 作者受果乃勝宣 འདས་དང་མ་འོངས་པ་ཡི་སེམས།། བདག་མིན་དེ་ནི་མེད་པའི་ཕྱིར།། 過去心與未來心 此非是我俱無有 འོན་ཏེ་སྐྱེས་སེམས་བཏག་ཡིན་ན།། ཏེ་ཞིག་ན་ཡང་བདག་མེད་དོ།། 然而生心若是我 此者壞滅則我無 དཔེར་ན་ཆུ་ཤིང་སྔོང་པོ་དག།། ཆ་ཤས་ཕྱེ་ན་འགའ་མེད་པ།། 猶如芭蕉樹幹也 ...

《入雄心菩薩行論》第九品 智慧品(九)

圖片
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། 《入雄心菩薩行論》 第九品 智慧品(九) གལ་ཏེ་སྒྲ་ཡི་ཤེས་རྟག་ན།། ཐམས་ཅད་ཚེ་ན་སྒྲ་འཛིན་འགྱུར།། 聲識執著若恆常 一切時皆音持握 ཤེས་བྱ་མེད་ན་ཅི་ཞིག་རིག།། གང་གིས་ཤེས་པ་ཞེས་རྗོད་བྱེད།། 所知無有云何知 何理能謂識聞聲 གལ་ཏེ་ཤེས་མེད་ཤེས་ཡིན་ན།། ཤིང་ཡང་ཤེས་པར་ཐལ་བར་འགྱུར།། 倘或無境而能知 樹木亦應為能知 དེས་ན་ཤེས་བྱ་ཉེར་གནས་པ།། མེད་པར་ཤེས་པ་མེད་ཅེས་ངེས།། 故而所聲不近前 如是則無能知者 དེ་ཉིད་ཀྱིས་ནི་གཟུགས་ཤེས་ན།། དེ་ཚེ་ཐོས་པའང་ཅི་སྟེ་མིན།། 以此了知色相已 何故彼時不聞聲 གལ་ཏེ་སྒྲ་མི་ཉེ་ཕྱིར་ན།། དེས་ན་དེ་ཡི་ཤེས་པའང་མེད།། 若謂聲響未現前 於此當時識亦無 སྒྲ་འཛིན་རང་བཞིན་གང་ཡིན་པ།། དེ་གཟུགས་འཛིན་པར་ཇི་ལྟ་འགྱུར།། 持握聲響此者也 云何轉成持握色 གཅིག་ནི་ཕ་དང་བུ་ཉིད་དུ།། བརྟགས་ཡིན་ཡང་དག་ཉིད་མིན་ཏེ།། 一人為父復為子 施設云爾非正因 འདི་ལྟར་སྙིང་སྟོབས་རྡུལ་དང་ནི།། མུན་པ་བུ་མིན་ཕ་ཡང་མིན།། 如是雄樂塵苦謂 闇痴非子亦非父 དེ་ནི་སྒྲ་འཛིན་དང་ལྡན་པའི།། རང་བཞིན་དུ་ནི་མཐོང་མ་ཡིན།། 彼具持握聲響性 然卻本質無有見 གར་མཁན་ལྟ་བུར་ཚུལ་གཞན་གྱིས།། དེ་ཉིད་མཐོང་ན་དེ་རྟག་མིན།། 如俳優般異貌引 此者望見此非常 གལ་ཏེ་ཚུལ་གཞན་དེ་ཉིད་ན།། གཅིག་ཉིད་དེ་ནི་སྡོན་མེད་གཅིག།། 倘或異貌仍原樣 滅依未曾現此一 གལ་ཏེ་ཚུལ་གཞན་བདེན་མིན་ན།། དེ་ཡི་རང་གི་རང་བཞིན་སྨྲོས...

《入雄心菩薩行論》第九品 智慧品(八)

圖片
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། 《入雄心菩薩行論》 第九品 智慧品(八) རྨོངས་པས་སྡུག་བསྔལ་ཅན་དོན་དུ།། ཆགས་དང་འཇིགས་མཐའ་ལས་གྲོལ་བ།། 為淨痴因痛苦眾 貪婪恐懼二邊離 འཁོར་བར་གནས་པ་གྲུབ་འགྱུར་བ།། འདི་ནི་སྟོང་ཉིད་འབྲས་བུ་ཡིན།། 輪迴境內悅住成 此乃空性證悟果 དེ་ལྟར་སྟོང་པ་ཉིད་ཕྱོགས་ལ།། སུན་འབྱིན་པ་ནི་འཐད་མ་ཡིན།། 如是對於空性理 言說其過實不宜 དེས་ན་ཐེ་ཚོམ་མི་ཟ་བར།། སྟོང་པ་ཉིད་ནི་བསྒོམ་པར་བྱ་།། 是故莫應生懷疑 空性誠應當觀修 ཉོན་མོངས་ཤེས་བྱའི་སྒྲིབ་པ་ཡི།། མུན་པའི་གཉེན་པོ་སྟོང་པ་ཉིད།། 煩惱所知障礙之 闇蔽對治即空性 མྱུར་དུ་ཐམས་ཅད་མཁྱེན་འདོད་པས།། དེ་ནི་ཇི་ལྟར་སྒོམ་མི་བྱེད།། 速疾欲證遍智佛 此者云何不觀修 དངོས་གང་སྡུག་བསྔལ་སྐྱེད་བྱེད་པ།། དེ་ལས་སྐྲག་པ་སྐྱེ་འགྱུར་ན།། 某物實能緣苦生 於此卻不生怖畏 སྟོང་ཉིད་སྡུག་བསྔལ་ཞི་བྱེད་པ།། དེ་ལ་འཇིགས་པ་ཇི་ལྟར་སྐྱེ།། 空性實乃咸苦淨 於此云何生怖畏 གལ་ཏེ་བདག་འགའ་ཡོད་ན་ནི།། ཅི་ཡང་རུང་ལས་འཇིགས་འགྱུར་ན།། 如若我乃存些許 於任一物轉畏懼 བདག་ཉིད་འགའ་ཡང་ཡོད་མིན་པས།། འཇིགས་པར་འགྱུར་བ་སུ་ཞིག་ཡིན།། 實我稍許皆無有 於孰而能生畏懼 སོ་དང་སྐྲ་སེན་བདག་མ་ཡིན།། བདག་ནི་རུས་པ་ཁྲག་མ་ཡིན།། 齒髮指甲非是我 我謂骨骼血亦非 སྣབས་མིན་བད་དཀན་མ་ཡིན་ཏེ།། ཆུ་སེར་དང་ནི་རྣག་ཀྱང་མིན།། 非是鼻涕非涎沫 非是水膿非黃膿 བདག་ནི་ཞག་དང་རྡུལ་མིན་ཏེ།། གློ་མཆིན...

《入雄心菩薩行論》第九品 智慧品(七)

圖片
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། 《入雄心菩薩行論》 第九品 智慧品(七) རེ་ཞིག་ཉིར་ལེན་སྲེད་པ་ནི།། མེད་ཅེས་ངེས་པ་ཉིད་ཅེ་ན།། 現下形成愛取外 無有肯確認定耶 སྲེད་དེ་ཉོན་མོངས་ཅན་མིན་ཡང་།། ཀུན་རྨོངས་བཞིན་དུ་ཅི་སྟེ་མེད།། 此愛非為煩惱痴 咸痴云何會無有 ཚོར་བའི་རྐྱེན་གྱིས་སྲེད་པ་ཡིན།། ཚོར་བ་དེ་དག་ལ་ཡང་ཡོེད།། 受因緣生愛即是 此些感受尚具有 དམིགས་པ་དང་ནི་བཅས་པའི་སེམས།། འགའ་ཞིག་ལ་ནི་གནས་པར་འགྱུར།། 察覺執觀並此心 些許之上猶依存 སྟོང་ཉིད་དང་ནི་བྲལ་བའི་སེམས།། འགགས་པ་སླར་ཡང་སྐྱེ་འགྱུར་དེ།། 空性境地遠離心 伏滅而後仍復生 འདུ་ཤེས་མེད་པའི་སྙོམས་འཇུག་བཞིན།། དེས་ན་སྟོང་ཉིད་བསྒོམ་པར་བྱ།། 猶無想定平禪般 故而空性應觀修 ངག་གང་མདོ་སྡེ་ལ་འཇུག་དེ།། གལ་ཏེ་སངས་རྒྱས་གསུངས་འདོད་ན།། 宣言經法編入已 如斯方許覺綻言 ཐེག་ཆེན་ཕལ་ཆེར་ཁྱེད་ཅག་གི།། མདོ་དང་མཚུངས་འདོད་མིན་ནས་ཅི།། 大乘近乎與汝之 經文等同非是耶 གལ་ཏེ་མ་གཏོགས་གཅིག་གིས་ནི།། ཐམས་ཅད་སྐྱོན་དང་བཅས་འགྱུར་ན།། 倘或不攝一經以 一切悉轉為過咎 མདོ་མཚུངས་གཅིག་གིས་ཐམས་ཅད་ནི།། རྒྱལ་བས་གསུངས་པ་ཅིས་མ་ཡིན།། 一經雷同咸全謂 永勝佛宣豈非耶 ངག་གང་འོད་སྲུངས་ཆེན་པོ་ལ།། སོགས་པས་གཏིང་དཔོགས་མ་གྱུར་པ།། 任一教言大迦葉 彼等無有深明悟 དེ་ནི་ཁྱོད་ཀྱིས་མ་རྟོགས་པས།། གཟུང་བྱ་མིན་པར་སུ་ཞིག་བྱེད།། 此乃由汝不通達 非應持握豈能言 持明仁增塔欽新譯 持明仁增塔欽 https:/...

《入雄心菩薩行論》第九品 智慧品(六)

圖片
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། 《入雄心菩薩行論》 第九品 智慧品(六) སེམས་མེད་པ་ལ་མཆོད་བྱས་པས།། ཇི་ལྟར་འབྲས་བུར་ལྡན་པར་འགྱུར།། 對於無心者供養 云何能得具足果 གང་ཕྱིར་བཞུགས་པའམ་མྱ་དན་འདས།། མཚུངས་པ་ཉིད་དུ་བཤད་ཕྱིར་རོ།། 故而今住或涅槃 等同功德經已宣 ཀུན་རྫོབ་བམ་ནི་དེ་ཉིད་དུའང།། རུང་སྟེ་དེས་འབྲས་ལུང་ལས་ཡིན།། 世俗諦或究竟供 佛言皆能生其福 དཔེར་ན་བདེན་པའི་སངས་རྒྱས་ལ།། ཇི་ལྟར་འབྲས་བུར་བཅས་པ་བཞིན།། 喻供真實覺綻佛 如是能獲等同果 བདེན་པ་མཐོང་བས་གྲོལ་འགྱུར་གྱི།། སྟོང་ཉིད་མཐོང་བས་ཅི་ཞིག་བྱ།། 諦義現見堪解脫 空性現見有何義 གང་ཕྱིར་ལུང་ལས་ལམ་འདི་ནི།། མེད་པར་བྱང་ཆུབ་མེད་པར་གསུངས།། 佛言故宣此道謂 若無淨入菩提無 གལ་ཏེ་ཐེག་ཆེན་མ་གྲུབ་ན།། ཁྱོད་ཀྱི་ལུང་ནི་ཇི་ལྟར་གྲུབ།། 倘或大乘未成立 汝之教言云何成 གང་ཕྱིར་གཉིས་ཀ་ལ་འདི་གྲུབ།། དང་པོ་ཁྱོད་ལ་འདི་མ་གྲུབ།། 二者皆共承許此 汝於初時亦未許 རྐྱེན་གང་གིས་ནི་དེར་ཡིད་ཆེས།། དེ་ནི་ཐེག་ཆེན་ལ་ཡང་མཚུངས།། 依何緣由此確信 大乘經典亦等同 གཞན་གཉིས་འདོད་པས་བདེན་ན་ནི།། རིག་བྱེད་སོགས་ཀྱང་བདེན་པར་འགྱུར།། 二許如若成事實 能知豈不亦成實 ཐེག་ཆེན་རྩོད་བཅས་ཕྱིར་ཞེ་ན།། ལུང་ལ་མུ་སྟེགས་པ་རྣམས་དང།། 大乘因現辯爭故 佛言曾有眾外道 ལུང་གཞན་ལ་ཡང་རང་གཞན་དག།། རྩོད་བཅས་ཡིན་ཕྱིར་བྱར་འགྱུར།། 餘部亦有自與他 若有辯爭咸應捨 བསྟན་རྩ་དགེ་སློ...

《入雄心菩薩行論》第九品 智慧品(五)

圖片
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། 《入雄心菩薩行論》 第九品 智慧品(五) སྒྱུ་མ་ལྟ་བུར་ཤེས་ན་ཡང་།། ཇི་ལྟར་ཉོན་མོངས་ལྡོག་འགྱུར་ཏེ།། 如幻術般雖明知 云何煩惱能遮除 གང་ཚེ་སྒྱུ་མའི་བུད་མེད་ལ།། དེ་བྱེད་ཉིད་ཀྱང་ཆགས་སྐྱེ་འགྱུར།། 於此幻術所化女 締造幻師亦生貪 དེ་བྱེད་པ་ནི་ཤེས་བྱ་ལ།། ཉོན་མོངས་བག་ཆགས་མ་སྤངས་པ།། 此創幻者所對境 煩惱習氣未捨離 དེས་ན་དེ་མཐོང་བ་ན་དེ།། སྟོང་ཉིད་བག་ཆགས་ཉམ་ཆུང་ཉིད།། 是故此境見生受 空性習氣極微弱 སྟོང་ཉིད་བག་ཆགས་གོམས་པས་ནི།། དངོས་པོའི་བག་ཆགས་སྤོང་འགྱུར་ཞིང་།། 空性習氣嫻熟時 物實習性堪捨離 ཅི་ཡང་མེད་ཅིས་གོམས་པས་ནི།། དེ་ཡང་ཕྱི་ནས་སྤོང་བར་འགྱུར།། 無實所有若熟諳 此執日後亦捨除 གང་ཚེ་གང་ཞིག་མེད་དོ་ཞེས།། བརྟག་བྱ་དངོས་པོ་མི་དམིགས་པ།། 任何物實皆無有 所研物實非有觀 དེ་ཚེ་དངོས་མེད་རྟེན་བྲལ་བ།། བློ་ཡི་མདུན་ན་ཇི་ལྟར་གནས།། 此時無物依遠離 識前何以能住耶 གང་ཚེ་དངོས་དང་དངོས་མེད་དག།། བློ་ཡི་མདུན་ན་མི་གནས་པ།། 物實及無物實些 識前皆不成立耶 དེའི་ཚེ་རྣམ་པ་གཞན་མེད་པས།། དམིགས་པ་མེད་པ་རབ་ཏུ་ཞི།། 彼時餘相皆無有 無禪一切極寂淨 ཡིད་བཞིན་ནོར་བུ་དཔག་བསམ་ཤིང་།། ཇི་ལྟར་རེ་བ་ཡོངས་སྐོང་བ།། 事成摩尼如意樹 遍滿眾生希求願 དེ་བཞིན་གདུལ་བྱ་སྨོན་ལམ་གྱི།། དབང་གིས་རྒྱལ་བའི་སྐུར་སྣང་ངོ།། 等同度眾祈願以 如意懷王身顯現 དཔེར་ན་ནམ་མཁའ་ལྡིང་གི་ནི།། མཆོད་སྡོ...

《入雄心菩薩行論》第九品 智慧品(四)

圖片
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། 《入雄心菩薩行論》 第九品 智慧品(四) མར་མེ་གསལ་བར་བྱེད་དོ་ཞེས།། ཤེས་པས་ཤེས་ཏེ་རྗོད་བྱེད་ན།། 如謂油燈能照明 心識了知若謂說 བློ་ནི་གསལ་བ་ཉིད་ཡིན་ཞེས།། གང་གིས་ཤེས་ནས་དེ་སྐད་བརྗོད།། 心謂自燦若是說 何識了知而說耶 གང་ཚེ་འགས་ཀྱང་མཐོང་མིན་ན།། གསལ་བའམ་ནི་མི་གསལ་བ།། 倘若何者皆未睹 則明或不明此耶 མོ་གཤམ་བུ་མོའི་འགྱིང་བག་བཞིན།། དེ་ན་བརྗོད་ཀྱང་དོན་མེད་དོ།། 猶評石母女顏姿 如是道彼亦無義 གལ་ཏེ་རང་རིགཡོད་མིན་ན།། རྣམ་ཤེས་དྲནཔར་ཇི་ལྟར་འགྱུར།། 如若自證分無有 云何憶念此境相 གཞན་མྱོང་བ་ན་འབྲེལ་པ་ལས།། དྲན་འགྱུར་བྱི་བའི་དུག་བཞིན་ནོ།། 另境覺受毗連故 猶能回溯鼠毒般 རྒྱེན་གཞན་དག་དང་ལྔན་པ་ནི།། མཐོང་ཕྱིར་རང་ཉིད་རབ་གསལ་ན།། 此外因緣俱足謂 見他自心明燦現 གྲུབཔའི་མིག་སྨན་སྦྱོར་བ་ལས།། བུམ་མཐོང་མིག་སྨན་ཉིད་འགྱུར་མིན།། 眼塗煉修成藥引 能睹寶瓶藥不見 ཇི་ལྟར་མཐོང་ཐོས་ཤེསཔ་དག།། འདིར་ནི་དགག་པརབྱ་མིན་ཏེ།། 如斯見聞覺知咸 此非遮破辯駁矣 འདིར་ནི་སྡུག་བསྔལརྒྱུར་གྱུརཔ།། བདེན་པར་རྟོག་པ་བཟློག་བྱ་ཡིན།། 由彼而成苦根源 唯一遮破諦實執 སེམས་ལས་སྒྱུ་མ་གཞན་མིན་ཞིང་།། གཞན་མིན་པར་ཡང་མི་རྟག་ན།། 心外幻術非相異 另境亦非全無異 དངོས་ན་ཇི་ལྟར་དེ་གཞན་མིན།། གཞན་མིན་ཞེ་ན་དངོས་པོར་མེད།། 倘或實有何非異 借使非異應非實 ཇི་ལྟར་སྒྱུ་མ་བདེན་མིནཡང།། བལྟ་བྱ་དེ་བཞིན...

《入雄心菩薩行論》第九品 智慧品(三)

圖片
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། 《入雄心菩薩行論》 第九品 智慧品(三) གང་ཚེ་འཁྲུལ་པའང་ཡོད་མིན་ན།། སྒྱུ་མ་གང་གིས་དམིགས་པར་འགྱུར།། 如若幻境無成立 幻術任一云何觀 གང་ཚེ་ཁྱོད་ལ་སྒྱུ་མ་ཉིད།། མེད་ནའང་དེ་ཚེ་ཅི་ཞིག་དམིགས།། 倘或汝有幻術謂 若無當時觀何緣 གལཏེ་དེ་ཉིད་དུ་གཞན་ཡོད།། རྣམ་པ་དེ་ནི་སེམས་ཉིད་ཡིན།། 假使此外尚有物 如是境相即為心 གང་ཚེ་སེམས་ཉིད་སྒྱུ་མ་ན།། དེ་ཚེ་གང་ཞིག་གང་གིས་མཐོང་།། 其時心即幻術耶 當時幻境何法見 འཇིག་རྟེན་གྱི་ནི་མགོན་པོས་ཀྱང་།། སེམས་ཀྱིས་སེམས་མི་མཐོང་ཞེས་གསུངས།། 滅依世界怙主亦 心不見自心曾宣 རལ་གྲི་སོ་ནི་རང་ལ་རང་།། ཇི་ལྟར་མི་གཅོད་དེ་བཞིན་ཡིད།། 猶如利劍自對自 如是不能自割自 ཇི་ལྟར་མར་མེ་རང་གི་དངོས།། ཡང་དག་གསལ་བར་བྱེད་བཞིན་ན།། 復喻猶如燈自身 真實作成照亮般 མར་མེ་གསལ་བར་བྱ་མིན་ཏེ།། གང་ཕྱིར་མུན་གྱིས་བསྒྲིབས་པ་མེད།། 燈火無需以照明 然因黑暗無遮蔽 ཤེལ་བཞིན་སྔོན་པོ་སྔོ་ཉིད་ལ།། གཞན་ལ་ལྟོས་པ་ཡོད་མ་ཡིན།། 如璃藍色本藍謂 另它非相互依存 དེ་བཞིན་འགའ་ཞིག་གཞན་ལ་ནི།། ལྟོས་དང་ལྟོས་མེད་པ་ཡང་མཐོང་།། 等同些許對另謂 依或不依亦能見 སྔོ་ཉིད་མིན་ལ་སྔོན་པོར་དེ།། བདག་གིས་བདག་ཉིད་བྱས་པ་མེད།། 本藍非謂此藍色 己造己為藍非也 持明仁增塔欽新譯 持明仁增塔欽 https://chihming8.blogspot.com/

《入雄心菩薩行論》第九品 智慧品(二)

圖片
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། 《入雄心菩薩行論》 第九品 智慧品(二) སྒྱུ་འདྲ་རྒྱལ་ལས་བསོད་ནམས་ནི།། ཇི་ལྟར་དངོས་ཡོད་ལ་ཇི་བཞིན།། 幻化如來積福謂 如是供真實佛般 གལ་ཏེ་སེམས་ཅན་སྒྱུ་འདྲ་ན།། ཤི་ནས་ཇི་ལྟར་སྐྱེ་ཞེ་ན།། 如若眾生空幻耶 死已何以再生焉 ཇི་སྲིད་རྐྱེན་རྣམས་ཚོགས་གྱུར་པ།། དེ་སྲིད་སྒྱུ་མའང་འབྱུང་བར་འགྱུར།། 隨時眾緣俱足際 彼時幻事亦能現 རྒྱུན་རིང་ཙམ་གྱིས་ཇི་ལྟར་ན།། སེམས་ཅན་བདེན་པར་ཡོད་པ་ཡིན།། 何以時間長期因 有情豈能諦實有 སྒྱུ་མའི་སྐྱེས་བུ་བསད་སོགས་ལ།། སེམས་མེད་ཕྱིར་ན་སྡིག་མེད་དེ།། 幻化生子殺害等 無心故而毋罪業 སྒྱུ་མའི་སེམས་དང་ལྡན་པ་ལ།། བསོད་ནམས་དང་ནི་སྡིག་པ་འབྱུང།། 幻化之心若俱足 積福罪業亦衍生 སྔགས་སོགས་རྣམས་ལ་ནུས་མེད་ཕྱིར།། སྒྱུ་མའི་སེམས་ནི་འབྱུང་བ་མེད།། 咒等並無造作力 幻化之心無法生 སྣ་ཚོགས་རྐྱེན་ལས་བྱུང་བ་ཡི།། སྒྱུ་མ་དེ་ཡང་སྣ་ཚོགས་ཉིད།། 種種因緣之原由 諸種幻化顯現生 རྐྱེན་གཅིག་གིས་ནི་ཀུན་ནུས་པ།། གང་ན་ཡང་ནི་ཡོད་མ་ཡིན།། 一緣引動悉全能 如許何處咸無有 གལ་ཏེ་དོན་དམ་མྱ་ངན་འདས།། འཁོར་བ་ཀུན་རྫོབ་དེ་ལྟ་ན།། 倘或義諦涅槃謂 輪迴世俗如是也 སངས་རྒྱས་ཀྱང་ནི་འཁོར་འགྱུར་བས།། བྱང་ཆུབ་སྤྱོད་པས་ཅི་ཞིག་བྱ།། 覺綻佛亦入輪轉 菩提行持云何用 རྐྱེན་རྣམས་རྒྱུན་ནི་མ་ཆད་ན།། སྒྱུ་མའང་ལྡོག་པར་མི་འགྱུར་གྱི།། 諸緣若未斷盡耶 幻化亦莫能終止 རྐྱེན་ར...