《入雄心菩薩行論》第九品 智慧波羅蜜多竟成


བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ།
《入雄心菩薩行論》
第九品 智慧品
གལ་ཏེ་རྒྱུ་ལ་འབྲས་གནས་ན།། ཟན་ཟ་མི་གཙང་ཟ་བར་འགྱུར།།
倘或因上果實存 饌食則成食不淨
རས་ཀྱི་རིན་གྱིས་རས་བལ་གྱི།། ས་བོན་ཉོས་ལ་བགོ་བར་གྱིས།།
購布等值以布之 種子購進穿即可
འཇིག་རྟེན་རྨོངས་པས་མ་མཐོང་ན།། དེ་ཉིད་ཤེས་ཀྱིས་བཞག་དེ་ཉིད།།
滅依界痴不見此 究竟了知安立此
ཤེས་དེ་འཇིག་རྟན་ལ་ཡང་ནི།། ཡོད་པས་ཅི་སྟེ་མཐོང་མ་ཡིན།།
了知滅依此者也 存在緣何毋能見
འཇིག་རྟེན་ཚད་མཉིད་མིན་ན།། གསལ་བ་མཐོང་བའང་བདེན་མ་ཡིན།།
滅依見乃非正量 明顯望見亦非真
གལ་ཏེ་ཚད་མ་ཚད་མིན་ན།། དེས་གཞལ་བརྗུན་པར་མི་འགྱུར་རམ།།
如若量乃非正量 由此所量豈非妄
དེ་ཉིད་དུ་ན་སྟོང་པ་ཉིད།། སྒོམ་པ་དེ་ཕྱིར་མི་འཐད་འགྱུར།།
是故此乃空性謂 觀修此者亦成謬
བརྟགས་པའི་དངོས་ལ་མ་རེག་པར།། དེ་ཡི་དངོས་མེད་འཛིན་མ་ཡིན།།
實相物究無依傍 此等無實非持握
དེ་ཕྱིར་བརྗུན་པའི་དངོས་གང་ཡིན།། དེ་ཡི་དངོས་མེད་གསལ་བར་བརྗུན།།
所破物實既為假 故而無實亦為假
དེས་ན་རྨི་ལམ་བུ་ཤི་ལ།། དེ་མེད་སྙམ་པའི་རྣམ་རྟོག་ནི།།
猶如夢中見子死 了知此無乃妄念
དེ་ཡིད་རྣམ་པར་རྟོག་པ་ཡི།། གེགས་ཡིན་དེ་ཡང་བརྗུན་པ་ཡིན།།
能遮有此意念之 障礙然彼亦虛假
དེ་བས་དེ་ལྟར་རྣམ་དཔྱད་པས།། འགའ་ཡང་རྒྱུ་མེད་ཡོད་མ་ཡིན།།
如是研究觀察法 無因而生乃非有
སོ་སོ་བའ་མ་འདུས་པ་ཡི།། རྐྱེན་རྣམས་ལ་ཡང་གནས་མ་ཡིན།།
各別抑或匯集之 此種緣上毋成立
གཞན་ནས་འོངས་པའང་མ་ཡིན་ལ།། གནས་པ་མ་ཡིན་འགྲོ་མ་ཡིན།།
從他處現亦非也 住留非是行亦非
རྨོངས་པས་བདེན་པར་གང་བྱས་འདེ།། སྒྱུ་མ་ལས་ནི་ཁྱད་ཅི་ཡོད།།
愚痴執持諸實諦 如虛幻般有何別
སྒྱུ་མས་སྤྲུལ་པ་གང་ཡིན་དང་།། རྒྱུ་རྣམས་ཀྱིས་ནི་གང་སྤྲུལ་པ།།
虛幻所化此等也 依眾因緣幻化出
དེ་ནི་གང་ནས་འོངས་གྱུར་ཅིང་།། གང་དུ་འགྲོ་བའང་བརྟག་པར་གྱིས།།
此者乃從何處來 從何處往需究察
གང་ཞིག་གང་ནི་ཉེ་བ་ཡིས།། མཐོང་གྱུར་དེ་མེད་ན་མིན་པ།།
何者相近之緣由 望見若無即為非
བཅོས་སུ་གཟུགས་བརྙན་དང་མཚུངས་པ།། དེ་ལ་བདེན་ཉིད་ཇི་ལྟར་ཡོད།།
如同變動之影像 此俱真實乃無存
དངོས་པོ་ཡོད་པར་གྱུར་པ་ལ།། རྒྱུ་ཡིས་དགོས་པ་ཅི་ཞིག་ཡོད།།
物實諸法如已存 此因云何有所需
འོན་ཏེ་དེ་ནི་མེད་ན་ཡང་།། རྒྱུ་ཡིས་དགོས་པ་ཅི་ཞིག་ཡོད།།
倘或此者無有也 其因何能為所需
བྱེ་བ་བརྒྱ་ཕྲག་རྒྱུ་ཡིས་ཀྱང་།། དངོས་པོ་མེད་པ་བསྒྱུར་དུ་མེད།།
百千俱胝因緣以 無物實亦難成有
གནས་སྐབས་དེ་དངོས་ཇི་ལྟར་ཡིན།། དངོས་འགྱུར་གཞན་ཡང་གང་ཞིག་ཡིན།།
彼時物實豈會是 物轉另外為何者
མེད་ཚེ་དངོས་ཡོད་སྲིད་མིན་ན།། དངོས་པོ་ཡོད་པར་ནམ་ཞིག་འགྱུར།།
無時器物莫能有 物實存在幾時成
དངོས་པོ་སྐྱེས་པར་མ་གྱུར་པར།། དངོས་མེད་དེ་ནི་འབྲལ་མི་འགྱུར།།
器物無有生起前 抽象此者未遠離
དངོས་མེད་དང་ནི་མ་བྲལ་ན།། དངོས་པོ་ཡོད་པའི་སྐབས་མི་སྲིད།།
抽象此者無轉離 器物畢竟毋能生
དངོས་པོའང་མེད་པར་འགྱུར་མིན་ཏེ།། རང་བཞིན་གཉིས་སུ་ཐལ་འགྱུར་ཕྱིར།།
有物實亦不成無 本質應成二者故
དེ་ལྟར་འགག་པ་ཡོད་མིན་ཞིང།། དངོས་པོའང་ཡོད་མིན་དེ་ཡི་ཕྱིར།།
如是滅亡亦無有 物實亦是無有故
འགྲོ་བ་འདི་དག་ཐམས་ཅད་ནི།། རྟག་ཏུ་མ་སྐྱེས་མ་འགགས་ཉིད།།
趨赴有情悉全也 終究不生不滅相
འགྲོ་བ་རྨི་ལམ་ལྟ་བུ་སྟེ།། རྣམ་པར་དཔྱད་ན་ཆུ་ཤིང་འདྲ།།
趨赴有情似夢般 詳盡究察如芭蕉
མྱ་ངན་འདས་དང་མ་འདས་པའང་།། དེ་ཉིད་དུ་ན་ཁྱད་པར་མེད།།
涅槃抑或不涅槃 其本性上無差別
དེ་ལྟར་སྟོང་པའི་དངོས་རྣམས་ལ།། ཐོབ་པ་ཅི་ཡོད་ཤོར་ཅི་ཡོད།།
一切空性眾器物 獲得為何失為何
གང་གིས་རིམ་གྲོ་བྱས་པའམ།། ཡོངས་སུ་བརྙས་པའང་ཅི་ཞིག་ཡོད།།
誰人予我行恭敬 誰人輕蔑亦何有
བདེ་བའང་སྡུག་བསྔལ་གང་ལས་ཡིན།། མི་དགར་ཅི་ཡོད་དགར་ཅི་ཡོད།།
安樂痛苦何因生 歡喜不悅何所有
དེ་ཉིད་དུ་ཉི་བཙལ་བྱས་ན།། གང་ཞིག་སྲེད་ཅིང་གང་ལ་སྲེད།།
於此究竟尋求已 何者為貪所貪境
དཔྱད་ན་གསོན་པོའི་འཇིག་རྟེན་འདི།། གང་ཞིག་འདིར་ནི་འཆི་འགྱུར་ཏེ།།
詳實探究滅依界 孰由此世而死亡
འབྱུང་འགྱུར་གང་ཡིན་བྱུང་གྱུར་གང་།། གཉེན་དང་བཤེས་ཀྱང་གང་ཞིག་ཡིན།།
來生展現前已生 親人朋友為何者
ཐམས་ཅད་ནམ་མཁའ་འདྲ་བར་ནི།། བདག་འབྲས་ཡོངས་སུ་གཟུང་བར་གྱིས།།
一切宛若虛空般 如我時時當持握
བདག་ཉིད་བདེ་བར་འདོད་རྣམས་ནི།། འཐབ་དང་སྤྲོ་བའི་རྒྱུ་དག་གིས།།
欲求自樂此等眾 憎恨歡樂諸因以
རབ་ཏུ་འཁྲུག་དང་དགའ་བར་བྱེད།། མྱ་ངན་འབད་རྩོལ་རྩོད་པ་དང་།།
極大攪引生煩樂 苦難勤求他諍論
ཕན་ཙུན་གཅོད་དང་འབིགས་པ་དང།། སྔིག་དག་གིས་ནི་ཚིགས་ཆེན་འཚོ།།
相互砍斫及刺身 諸多惡業勤行持
བདེ་འགྲོར་ཡང་དང་ཡང་འོངས་ཏེ།། བདེ་བ་མང་པོ་སྤྱད་སྤྱོད་ནས།།
樂趨屢屢而出生 眾多歡樂受用已
ཤི་ནས་ངན་སོང་སྡུག་བསྔལ་ནི།། ཡུན་རིང་མི་བཟད་རྣམས་སུ་ལྟུང་།།
死後三惡趣苦謂 經久難以忍中墮
སྲིད་པ་ན་ནི་གཡང་ས་མང་།། དེར་ནི་དེ་ཉིད་མིན་འདི་འདྲ།།
能顯之中深淵多 於此迷惑未知真
དེར་ཡང་ཕན་ཚུན་འགལ་བས་ན།། སྲིད་ན་དེ་ཉིད་འདི་འདྲ་མེད།།
此乃相違矛盾因 能顯此者無有也
དེ་ཡང་དཔེ་མེད་མི་བཟད་པའི།། སྡུག་བསྔལ་རྒྱ་མཚོ་མཐའ་ལས་འདས།།
此亦難忍無能喻 痛苦如海逾無邊
དེར་ནི་དེ་ལྟར་སྟོབས་ཆུང་ཞིང་།། དེར་ནི་ཚེ་ཡང་ཐུང་བ་ཉིད།།
如是善力極微弱 此身壽命亦短促
དེར་ཡང་གསོན་དང་ནད་མེད་ཀྱི།། བྱེད་དང་བཀྲེས་ཀའི་ངལ་བ་དང་།།
乃為存活與無病 療法及飢而勞苦
གཉིད་དང་འཚེ་དང་དེ་བཞིན་ཏུ།། བྱིས་དང་འགྲོགས་པ་དོན་མེད་ཀྱིས།།
睡眠傷害等同之 凡孩伴行無實義
ཚེ་ནི་དོན་མེད་མྱུར་འདའ་ཡི།། རྣམ་དཔྱོད་ཤིན་ཏུ་རྙེད་པར་དཀའ།།
壽命無義速疾逝 究竟慧觀極難獲
དེར་ཡང་རྣམ་གཡེང་གོམས་པ་ནི།། བཟློག་པའི་ཐབས་ནི་ག་ལ་ཡོད།།
如是散亂習性因 回遮方法何處得
དེར་ཡང་ངན་སོང་ཆེན་པོར་ནི།། ལྟུང་ཕྱིར་བདུད་ནི་བརྩོན་པར་བྱེད།།
此刻大三惡道謂 令墮魔眾亦勤擾
དེར་ནི་ལོག་པའི་ལམ་མང་ཞིང་།། ཐེ་ཚོམ་ལས་ཀྱང་བརྒལ་དཀའ་སྟེ།།
顛倒道途不勝數 置疑範疇難逾越
སླར་ཡང་དེ་ལ་བརྙེད་དཀའ་ཞིང་ སངས་རྒྱས་འབྱུང་རྙེད་ཤིན་ཏུ་དཀའ།།
如是暇身難復得 覺綻佛現極難遇
ཉོན་མོངས་ཆུ་བོ་སྤང་དཀའ་སྟེ།། ཨེ་མ་སྟུག་བསྔལ་བརྒྱུད་པར་གྱུར།།
煩惱江流難截斷 嗟嘆痛苦成續流
དེ་ལྟར་ཤིན་ཏུ་སྡུག་བསྔལ་ཡང་།། རང་སྡུག་མི་མཐོང་གང་ཡིན་པ།།
如斯極其痛苦也 己身苦楚無視此
སྡུག་བསྔལ་ཆུ་བོར་གནས་འདི་དག ཀྱི་ཧུད་མྱ་ངན་བྱ་བར་འོས།།
痛苦洪流住留眾 嗟嘆於此當悲憫
དཔེར་ན་འགའ་ཞིག་ཡང་ཡང་ཁྲུས།། བྱས་ཏེ་ཡང་ཡང་མེར་འཇུག་པ།།
如人屢屢而沐浴 抑或數數而烤火
དེ་ལྟར་ཤིན་ཏུ་སྡུག་བསྔལ་བར།། གནས་ཀྱང་བདག་ཉིད་བདེར་རློམ་བཞིན།།
如許極其痛苦中 住此自卻引為樂
དེ་ལྟར་རྒ་དང་འཆི་མེད་པ།། བཞིན་དུ་སྤྱོད་པས་གནས་རྣམས་ལ།།
如是老死不覺有 此般度日悠哉眾
དང་པོ་ཉིད་དུ་བསད་བྱས་ནས།། ངན་སོང་ལྟུང་བ་མི་བཟད་འོང་།།
先遭死王殺害已 惡道後墮難忍現
དེ་ལྟར་སྡུག་བསྔལ་མེས་གདུངས་ལ།། བསོད་ནམས་སྤྲིན་ལས་ལེགས་འཁྲུངས་པའི།།
如斯眾苦大火聚 福德雲朵善妙生
རང་གི་བདེ་བའི་ཚོགས་ཆར་གྱིས།། ཞི་བྱེད་པར་བདག་ནམ་ཞིག་འགྱུར།།
己之安樂雨淋降 息滅眾苦何時俱
ནམ་ཞིག་དམིགས་པ་མེད་ཚུལ་དུ།། གུས་པས་བསོད་ནམས་ཚོགས་བསགས་དེ།།
幾時無觀貌方達 恭敬福德積集已
དམིགས་པས་ཕུང་བར་འགྱུར་རྣམས་ལ།། སྟོང་པ་ཉིད་ནི་སྟོན་པར་འགྱུར།།
於執實觀所緣眾 教示諸法空性理
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་སྟེ་དགུཔའོ།།
第九品 智慧波羅蜜多竟成
持明仁增塔欽 https://chihming8.blogspot.com/

留言

這個網誌中的熱門文章

ཐར་འདོད་རྣམས་ཀྱི་དེད་དཔོན་ཆོས་ཀྱི་བཤེས།། 持明 仁增塔欽 2021.09.05

入菩薩行論 20220311 持明 仁增塔欽 藏傳