ཐར་འདོད་རྣམས་ཀྱི་དེད་དཔོན་ཆོས་ཀྱི་བཤེས།། 持明 仁增塔欽 2021.09.05

ཐར་འདོད་རྣམས་ཀྱི་དེད་དཔོན་ཆོས་ཀྱི་བཤེས།།🌈持明 仁增塔欽🔗
ལྷ་མིའི་རྣམ་འདྲེན་ཆེན་པོ་ཟས་གཙང་སྲས།།🔎內容連結🔍
མི་མཇེད་ཞིང་གི་མགོན་པོའི་ཟབ་གསལ་ཆོས།།
ཐོས་བསམ་དད་པས་འཛིན་ཚོར་རབ་ཏུ་རྨད།།
དྷརྨ་འཛིན་པའི་དོན་ལ་འཇུག་པ་བཞིན།།
འདུ་ཤེས་དམ་པའི་ཆོས་ལ་འཛིན་པའི་ཚེ།།
རྟོག་པ་འཁོར་བའི་མཚོ་རུ་མི་ནུབ་པར།།
ཐར་བའི་སྐམ་སར་ཕྱིན་པའི་གོ་སྐབས་མོད།།
བློས་བསླངས་མངོན་རྟོགས་ཙམ་ཡང་བྱེད་པས་ཀྱང་།།
ངལ་བརྒྱའི་རྦ་རླབས་འཇགས་པའི་དགའ་བདེའི་ངང་།།
ཞི་བ་ཡིད་ཀྱི་དཔལ་ཕུན་རྫོགས་མཛད་པའི།།
ཐུབ་སྐུ་འོད་ཟེར་འཕྲོ་བར་བསྒོམས་འདིས་ཚིམས།།
མདོར་ན་ཡོད་ཚད་སྣང་བའི་རྗེས་རྒྱུགས་ཅིང་།།
སྟོང་པའི་ངོས་ལ་ཡིད་ཆེས་གཏན་བྲལ་བའི།།
སྲིད་པ་རྒན་པོའི་སེམས་ལ་ཐུབ་བསྟན་གྱི།།
སྣང་བ་དམ་པས་རྒྱན་ལ་ཡི་རངས་ཞུ།།
སྨན་ཁང་རྒྱ་ར་ནས་་་་་མང་པོ་ཞིག་ཆོས་ལ་མོས་པའི་བརྙན་རྙིང་འདི་མཐོང་དུས་སེམས་ཚོར་འདི་ཐལ།
持明 仁增塔欽 2021.09.05
留言
張貼留言